魔鏡歌詞網
魔鏡歌詞網 > 男生歌手 > 索扎 > 你真正想要的是什麼 > 你真正想要的是什麼

索扎



歌詞
專輯列表

索扎

你真正想要的是什麼

作詞:索扎
作曲:索扎

རང་ལ་འཚམ་པའི་ཉམ་ཐག་གི་འཚོ་བ།
སྙིང་བོ་མེད་ཁུ་ཟེར།
རང་ཚུགས་དོར་ནས་རྒྱུ་དག་དག་བསམ་ན།
སྙིང་རླུང་འཚང་རྒྱུ་རེད།
མི་རྟག་འཁྲུལ་བའི་འཇིག་རྟེན་ཁྲ་ལེ་ཁྲ་ལེ།
མགོ་ནག་མི་ལ་འདོད་བློ་བརྒྱ་རེ་སྟོང་རེ།
ཆོག་ཤེས་མེད་པའི་ཧམ་པའི་འགྲན་གཤིབ་ཁྲོད་ནས་ག་རེ་འཚོལ་གི་འདུག
ཧེ་་་་ཁྱོས་ཁ་ཕྱོགས་རྙེད་བྱུང་ངམ།
ཧེ་་་་ཁྱོས་མདུན་ལམ་རྙེད་བྱུང་ངམ།
རྙེད་མེད།
ཁྱོད་རང་ལ་ངོ་མ་དགོས་བ་ཅི་ཞིག་རེད།
དོན་དུ་འཚོལ་བ་ཅི་ཞིག་རེད།
ཁྱོད་རང་ལ་ངོ་མ་དགོས་བ་ཅི་ཞིག་རེད།
དོན་དུ་འཚོལ་བ་ཅི་ཞིག་རེད།
འདུ་འཛི་ཆེ་བའི་ཁྱིམ་ཚང་ཞིག་ཡོད་ན།
སྣོན་ཤུགས་ཆེ་རྒྱུ་རེད།
更多更詳盡歌詞 在 ※ Mojim.com 魔鏡歌詞網
འཁོར་བ་སྤངས་ནས་མྱི་རྐྱང་ཞིག་བྱོས་ན།
སུན་སྣང་ཆེ་རྒྱུ་རེད།
མི་རྟག་འཁྲུལ་བའི་འཇིག་རྟེན་ཁྲ་ལེ་ཁྲ་ལེ།
མགོ་ནག་མི་ལ་འདོད་བློ་བརྒྱ་རེ་སྟོང་རེ།
རང་ཁྱིམ་དྲོན་མོ་བསྐྱུར་ནས་ཆང་ཁང་ཉུལ་ནས་ག་རེ་འཚོལ་གི་འདུག
ཧེ་་་་་ཁྱོས་དྲོད་ཁོལ་རྙེད་བྱུང་ངམ།
ཧེ་་་་་ཁྱོས་བདེ་སྐྱིད་རྙེད་བྱུང་ངམ།
རྙེད་མེད་་་་་་་་་་
ཁྱོད་རང་ལ་ངོ་མ་དགོས་བ་ཅི་ཞིག་རེད།
དོན་དུ་འཚོལ་བ་ཅི་ཞིག་རེད།
ཁྱོད་རང་ལ་ངོ་མ་དགོས་བ་ཅི་ཞིག་རེད།
དོན་དུ་འཚོལ་བ་ཅི་ཞིག་རེད།
ཁྱོད་རང་ལ་ངོ་མ་དགོས་བ་ཅི་ཞིག་རེད།
དོན་དུ་འཚོལ་བ་ཅི་ཞིག་རེད།
ཁྱོད་རང་ལ་ངོ་མ་དགོས་བ་ཅི་ཞིག་རེད།
དོན་དུ་འཚོལ་བ་ཅི་ཞིག་རེད།