魔鏡歌詞網
魔鏡歌詞網 > 男生歌手 > 堅參羅布 > 思念 > 思念

堅參羅布



歌詞
專輯列表

堅參羅布

思念

作詞:堅參羅布
作曲:堅參羅布

དྲན་གླུ།
གཞས་པ། རྒྱན་མཚན་ནོར་བུ།
སྐྱིད་པའི་རང་ཡུལ་བཞག་ནས།།
རྒྱུས་མེད་ཡུལ་དུ་སླེབས་སོང་།།
ང་རང་སྐྱོ་བའི་མ་ཚད།།
ནམ་ཁའི་བྱ་ཡང་སྐྱོ་སོང་།།
ང་རང་སྐྱོ་བའི་མ་ཚད།།
མཐོ་ནམ་ཁའི་བྱ་ཡང་སྐྱོ་སོང་།།
ཁྲུང་ཁྲུང་གཤོག་རྩལ་ལྡན་ཞིང་།།
བྱང་ནས་ལྷོ་ལ་འཕུར་སོང་།།
ང་རང་གཤོག་རྩལ་མེད་པས།།
མི་ཡི་ལུང་པར་ལུས་སོང་།།
ང་རང་གཤོག་རྩལ་མེད་པས།།
ང་མི་ཡི་ལུང་པར་ལུས་སོང་།།
ལུག་རྫི་ལ་གླུ་སྙན་ཞིང་།།
更多更詳盡歌詞 在 ※ Mojim.com 魔鏡歌詞網
ཕྱུགས་རིགས་ཤ་ཤེད་རྒྱས་པ།།
ཆུ་ལེན་དམན་ཆུང་བུ་མོའི།།
འཛུམ་མདངས་ཡིད་ལ་འཁོར་དུས།།
ང་རང་ཕ་ཡུལ་དྲན་བཞིན།
ངའི་གླུ་ཆུང་དབང་མེད་ཤོར་སོང་།།
ཁྲུང་ཁྲུང་ལྷོ་ལ་འཕུར་དུས།།
ང་ལ་ལན་གཅིག་གནང་རོགས།།
མི་ཡུལ་ལུས་པའི་བུ་ང་།།
ཕ་ཡུལ་དྲན་བྱུང་གསུང་རོགས།།
ཕ་ཡུལ་ཕ་མ་སྤུན་མཆེད།།
ངའི་ཡིད་ལ་ལྷང་ལྷང་དྲན་བྱུང་།།
མི་ཡུལ་ལུས་པའི་བུ་ང་།།
ཕ་ཡུལ་དྲན་བྱུང་གསུང་རོགས།།
ཕ་ཡུལ་ཕ་མ་སྤུན་མཆེད།།
ངའི་ཡིད་ལ་ལྷང་ལྷང་དྲན་བྱུང་།།